A Tibetan living overseas sharing thoughts and observations

Wednesday, September 7, 2011

ང་རང་ཧང་སང་སོང་།


དེ་ནི་ ༢༠༡༠ ལོའི་ཟླ་ ༥ བའི་ཚེ་ ༢༩ ཉིན་ Northwest Folk life Festival  ཡི་སྟེང་ངས་སྒྲ་སྙན་རྡུང་ལེན་འམ་བོད་གླུ་བླངས་ནས་ང་གཅིག་པས་སྐར་མ་ ༤༥ རིང་འཁྲབ་སྟོན་བྱས། ཉིན་དེར་ངའི་གླུ་ལ་ཉན་མཁན་མི་མང་པོ་ཡོང་ཡོད། དེ་རུ་ཡོད་པའི་རྐུབ་རྟེགས་ཡོངས་ཁ་གང་འདུག། ཁོ་ཚོས་ཐད་ཀར་སྒྲ་ཕབས་ལེན་ཡང་བྱེད་བཞིན་ཡོད་པའི་ང་ཅུང་འཚབས་འདུག། ངས་ཡུལ་ཤུལ་ས་ཡོམ་བྲིས་པས་གླུ་དེ་ཡང་བླངས། དེ་རིང་ནི་ཞེ་དགུ་ཁ་གང་བའི་ཉིན་དེ་ཡིན། ཉིན་དེར་ངའི་སྒྲ་ཐག་༸ གནས་མཇལ་༸ བཙོང་ནས་ཡོང་འབབ་ཡོངས་ཡུལ་ཤུལ་རོགས་སྐྱོར་ལ་བྱིན། དེ་བའི་མི་མང་པོས་རྒྱབ་སྐྱོར་དང་མྱ་ངན་གྱི་ཚུལ་དུ་ངའི་སྒྲ་ཐག་མང་པོ་ཉོས། རྗེས་སུ་གཞན་པ་གླུ་བ་བཞི་ཡིས་ང་དང་གར་སྟེགས་གཅིག་མཚུངས་གིས་སྟེང་ནས་གླུ་བླངས། ཁོ་ཚོས་འཁྲབ་སྟོན་ཧ་ཅང་བཟང་། དུས་སྟོན་སྟེང་ཉིན་རེ་རོལ་དབྱངས་མཁན་བརྒྱ་ལྷག་གིས་གར་སྟེགས་འདྲ་མིན་གྱི་སྟེང་ནས་འཁྲབ་སྟོན་བྱེད་བཞིན་ཡོད། ཟླ་བདུན་གྱི་རྗེས་ནས་དུས་སྟོན་སྐབས་ཀྱི་གླུ་བ་འགའི་གླུ་གདམ་ནས་སྒྲ་ཐག་ཞིག་བཟོ་སྐྲུན་བྱས་འདུག ངས་བླངས་པས་གླུ་༸གསེར་གྱི་མཚོ་མོ་༸ སྒྲ་ཐག་ནང་བཞག་ཡོད། གང་ལྟར་ང་རང་ཧང་སོང་བ་ནི་དེ་རིང་དྲ་ཐོག་དུ་མི་ཞིག་གིས་དུས་སྟོན་དེ་ཡི་སྟེང་དུ་ཡོང་ཡོད་པའི་སྒྱུ་རྩལ་པ་ཚོར་རང་གི་ལྟ་ཚུལ་ཞིག་བྲིས་ཡོད་པས། མི་དེའི་ང་ལ་སྟོད་ངག་བྱས་འདུག་པས། དེ་ནི་ངས་བསམ་ཡུལ་ལས་འདུས་པས་དགའ་བ་ཞིག་ང་ལ་སྐྱེས་སོང་། གལ་དེ་ལྟ་འདོད་ན་འདི་ལྟར་ཡིན། http://www.nwfolklifefestival.org/folklife/a-review-and-a-story/ 

Sunday, July 10, 2011

Los Angeles ནས་འཚོགས་པའི་དུས་སྟོན།

World Festival of Sacred Music དུས་སྟོན་འདི་ནི་སྤྱི་ལོ་ ༡༩༩༩ ལོར་འགོ་བཟུང་ཏེ་འཛམ་གླིང་གི་སྒྱུ་རྩལ་པ་སྟོང་འདུ་འཛོམས་བྱས་ནས་རང་སོ་སོའི་སྐད་དང་ཡི་གེ་གཉིས་བེད་སྤྱད་དེ་ཁྱད་ཆོས་འབུར་དུ་ཐོན་པ་སོགས་ཨ་རིའི་Los Angeles ནས་མི་དམངས་ལ་འཁྲབ་སྟོན་ཉིན་བཅུ་དྲུག་རིང་བྱེད། སྤྱི་ཁྱབ་འགན་འཛིན་པ་UCLA ཡི་སློབ་དཔོན་ཆེན་མོ་ Judy Mitoma  ཡི་གསོ་སྐྱོང་བྱས་པ་ཞིག་ཡིན། དམིགས་ཡུལ་གཙོ་བོ་སྒྱུ་རྩལ་བ་ཚོར་ཕན་ཚུན་རིག་གནས་རྒྱུས་ལོན་བྱེད་པ་དང་ཆེད་ལས་སྒྱུ་རྩལ་པ་ཚོར་ལྷན་འཛོམས་ཀྱི་གར་སྟེག་ཞིག་བཀོལ་བསྒྲིགས་བྱས་བ་ཞིག་ཡིན། ༢༠༠༩ ལོར་ཁོ་ཚོས་གདན་ཞུས་ལྟར་ང་ཐེངས་དང་པོ་དུས་སྟོན་དེ་ཡི་སྟེང་ནས་གླུ་བླངས་པ་ཡིན། སྐར་མ་ ༤༥ ལ་ང་གཅིག་པོའི་ལེན་དགོས། ཕལ་ཆེར་གླུ་དགུ་བླངས་བ་ཡིན། རྒྱ་གར་ཀྱི་རོལ་ཆ་རྔ་ཆེ་ཆུང་གཉིས་ཡིས་ང་ལ་རོལ་མོའི་རམ་འདེགས་བྱས། རམ་འདེགས་མཁན་ནི་ Argentina  ཡི་མི་ཡིན། མིང་ལ་ Ricardo Hambra  ཟེར། ཁོ་ནི་ངའི་སྒེར་ངོས་ནས་གླ་བྱིན་ནས་རོག་བྱེད་དུ་བཅུག་པ་ཡིན། ཁོས་རྔ་རྡུང་བ་ཧ་ཅང་བཟང་། ངའི་རྗེས་སུ་ཨ་རིའི་མི་སེར་ཡིན་པའི་སྒྲ་རྡུང་པ་ Rob Levit དང་གླུ་མ་ Emiko Susilo  གཉིས་ཀྱི་ལྷན་དུ་ ༤༥ ལ་འཁྲབ་སྟོན་བྱས། ཁོ་གཉིས་ནི་ངའི་འཁྲབ་སྟོན་བྱེད་རོགས་ཡིན། ཉིན་བཅུ་དྲུག་གི་ནང་དུ་ང་ཚོས་ལྷན་དུ་འཁྲབ་སྟོན་ཐེངས་གཉིས་ལ་བྱེས། དུས་སྟོན་སྟེང་དུ་གདན་འདྲེན་ཞུས་པའི་གླ་ཆ་ནི་ཨ་སྒོར་༨༠༠ འབབ་ཡོང་ཡོད། ད་ལོར་ཁོ་ཚོས་ཡང་བསྐྱར་ང་དུས་སྟོན་དེ་ཡི་སྟེང་གདན་ཞུ་བྱས་འདུག། དེ་ནི་ཟླ་དགུ་པའི་ཚེ་གཅིག་ནས་འགོ་འཛུགས་རྒྱུ་ཡིན། སྐབས་དེ་དུས་ངའི་འཁོར་ཐག་གསར་པ་དེ་ཡང་འགྲེམས་སྤེལ་བྱེད་རྩིས་ཡོད།

Thursday, June 30, 2011

འཁོར་ཐག་གསར་བ་སྒྲ་ལེན་སྐབས།



ལྷོ་ཀོ་རི་ཡའི་རྒྱལ་ས་ནས་སྒྲ་བླངས་པས་འཁོར་ཐག་གསར་ལ་
རོལ་དབྱངས་ཆེད་གཉེར་བ་་་ཡོས་ནའ་ཡི་རམ་འདེགས་བྱས།
སྐྱེས་པ་དེ་ནི་སྒྲ་ལེན་པ་དང་སྒྲིག་སྦྱོར་བ་ཡིན།
ཁོ་ལ་མཉམ་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད། གླུ་མིང་ལ་
གྲངས་ཀའི་གླུ་ཟེར། ཚིག་དབྱངས་་་མཚེ་ཁྲ་་་སྐལ་བཟང་རྒྱ་
མཚོའི་བརྩམས། ཁོ་ཚོས་རེ་བ་ལྟར་ངའི་བསྒྲིགས་སྦྱོར་ཐུང་
ཐུང་འདི་བྱས་ནས་དྲ་ཐོག་དུ་བཞག་པ་ཡིན།